🤳 BDRC Mobile ལག་བཅང་དཔེ་མཛོད།

ལག་བཅངས་དཔེ་མཛོད་ཀྱི་བཀོལ་སྤྱོད་ལམ་སྟོན།

ལག་བཅངས་དཔེ་མཛོད་ཀྱི་ངོ་སྤྲོད་མདོར་བསྡུས།

:selfie: ལག་བཅངས་དཔེ་མཛོད་ ཅེས་པའི་མཉེན་ཆས་འདི་ནི་ BDRC འམ་ནང་བསྟན་དཔེ་ཚོགས་ལྟེ་གནས་ ཀྱིས་བཟོས་ཤིང་། ད་བར་ངེད་ཚོགས་པས་འབད་པ་གློད་མེད་ཀྱིས་བསྡུ་གསོག་བྱས་པའི་ནང་བསྟན་གྱི་གསུང་དཔེ་ཇི་སྙེད་ཡོད་པ་རྣམས་ཐུན་མོང་གིས་ལོངས་སུ་སྤྱོད་ཕྱིར། དྲ་ཐོག་དཔེ་མཛོད་ནང་གསོག་འཇོག་བྱས་ཏེ་གློག་ཀླད་བཀོལ་མཁན་ཚོར་དྲ་ཚིགས་བཟོ་བསྐྲུན་དང་། ཁ་པར་དང་ipad, 平板 བཀོལ་མཁན་རིགས་ལ་རིན་འབབ་སྤྲོད་མི་དགོས་པའི་ ལག་བཅངས་དཔེ་མཛོད་ ཅེས་པའི་མཉེན་ཆས་འདི་ཆེད་དུ་བཟོ་བསྐྲུན་བྱས་པ་ཞིག་ཡིན།

བཀོལ་སྤྱོད་ལམ་སྟོན་གྱི་དངོས་གཞི།

:loud_sound: གསལ་འདེབས། འདིར་ ལག་བཅངས་དཔེ་མཛོད་ མཉེན་ཆས་ཨན་ཌོ་མ་ལག་ཅན་གྱི་ཁ་པར་དང་平板 གཉིས་ཀྱི་ནང་ཕབ་ལེན་དང་འཇུག་སྤྲོད་དཔེ་ཀློག་བྱ་སྟངས་དང་བཅས་ངོ་སྤྲོད་བྱས་ཡོད། ངོ་སྤྲོད་ཚུལ་ནི་དཔེ་མཚོན་གྱི་དཔེ་ཆ་གཅིག་དམིགས་བཟུང་བྱས་ཡོད་མོད། གཙོ་བོ་མཉེན་ཆས་ཀྱི་ཁྱད་ཆོས་སམ་ལག་ཆ་ཁག་བཀོལ་ཚུལ་ཤེས་དགོས་པས་དེའི་ཐད་ཐུགས་མཉམ་འཇོག་པར་ཞུ།

1. མཉེན་ཆས་འདི་ཕབ་གནས་ངོ་སྤྲོད།

:point_right:安卓 ཨན་ཌོ་མ་ལག་ཅན་གྱི་ཕབ་གནས།
Android

:point_right:平果 ཀུ་ཤུ་ཁ་པར་གྱི་ཕབ་གནས།
Apple

ཨན་ཌོ་མ་ལག་ཅན་གྱི་ཕབ་གནས་སུ་འཚོལ་སྟངས།

ཨན་ཌོ་མ་ལག་གི་ཕབ་མཛོད་ནང་ BDRC བྲིས་ཏེ་བཙལ་ན་ཐད་ཀར་རྙེད་ཐུབ། བྱ་བའི་གོ་རིམ་འགུལ་རིས་ལ་གཟིགས།་(དྲ་ཐག་འཇུག་སྤྲོད་བྱ་ཚུལ་འཇོག་དགོས།)

000001|100

2. འཇུག་སྤྲོད་དང་དཀར་ཆག་སྒྲིག་སྦྱོར།

འདི་ནས་རང་ཉིད་ལ་གོམས་འདྲིས་ཆེ་བའི་

  • སྐད་ཡིག་དེ་འདེམ།

  • རྒྱལ་སྤྱི་དང་རྒྱ་ནག་གང་རུང་འདེམ།

སྒྲིག་འགོད་འདི་གཞུག་ནས་ཀྱང་བརྗེ་ཐུབ། སྐབས་འདིར་དཔེ་ཆ་ཡོངས་ཀྱི་དཀར་ཆག་དང་མཚན་བྱང་བཅས་མཉེན་ཆས་ནང་ཐོག་མར་ཕབ་ལེན་དང་སྒྲིག་སྦྱོར་བྱ་དགོས་པས་སྐར་མ་འགའི་རིང་འགོར་ངེས། རྒྱུན་སྤྱོད་སྐབས་དལ་འགོར་ཅུང་ཟད་ཀྱང་མེད།

000002

3. སྐད་ཡིག་དང་སྒྲིག་འགོད་བསྐྱར་བརྗེ་བྱ་ཚུལ།

འདི་ནས་ཀྱང་མཉེན་ཆས་ཀྱི་སྐད་ཡིག་དང་རྒྱལ་ཁབ་གཉིས་ཆ་བསྐྱར་བརྗེ་བྱ་ཐུབ། རྒྱལ་ཁབ་བརྗེ་སྐབས་མཉེན་ཆས་དང་དཔེ་མཛོད་བར་གྱི་འབྲེལ་མཐུད་དྲ་ཐག་ཀྱང་བརྗེ་དགོས་པས་སྐར་མ་འགའི་རིང་འགོར་ངེས་མོད། རྒྱུན་སྤྱོད་སྐབས་དལ་འགོར་ཅུང་ཟད་ཀྱང་མེད།

000003

4. འཚོལ་གནས་སུ་བཙལ་བྱ་འཚོལ་སྟངས།

འཚོལ་གནས་འདིར་བཙལ་བྱ་འབྲི་སྐབས་འཚོལ་ཚིག་རིགས་གསུམ་སྤྱད་ཆོག་སྟེ།

  • དཔེ་ཆའི་མཚན་བྱང་བྲིས་ནས་འཚོལ་བ། དཔེར་ན། བྱམས་ཆོས་སྡེ་ལྔ།

  • ངེད་ཚོགས་པས་སྤྲད་པའི་བརྩམས་ཆོས་ཨང་བྲིས་ནས་འཚོལ་བ། དཔེར་ན། MW1AC52

  • རྩོམ་པ་བོའི་མཚན་བྲིས་ནས་འཚོལ་བ། དཔེར་ན། རྗེ་བཙུན་བྱམས་པ་མགོན་པོ།

འདི་གསུམ་གྱི་གང་བྲིས་རུང་ཁྱེད་ཀྱི་བཙལ་བྱ་དེ་ཐད་ཀར་རྙེད་ཐུབ་པ་ཡིན།

000004

5. དཔེ་ཆ་བརྒྱུད་སྐུར་དང་དཔེ་ཀློག་བྱ་ཚུལ།

འདི་ནས་གང་རྙེད་པའི་བཙལ་འབྲས་རྣམས་ལ་རིམ་བཞིན་མིག་བཤེར་གྱིས་རང་ལ་མཁོ་བའི་དཔེ་ཆ་དེ་འདེམ། དེ་དག་རེ་རེའི་སྒང་ལ་བསྣུན་ན་འབྲེལ་ཡོད་གནས་ཚུལ་རྣམས་ལ་རྒྱུས་ལོན་བྱ་ཐུབ། བརྒྱུད་སྐུར་དང་དཔེ་ཀློག་ཀྱང་འདི་ནས་བྱ་ཐུབ་པ་ཡིན།

000005

6. ལག་ཆའི་སྡེ་ཚན་དང་དེའི་བྱེད་ནུས་སྟོན་སྟངས།

འདི་ནས་བདག་དབང་མེད་པའི་དཔེ་ཆ་རྣམས་ཆ་རྐྱེན་གང་ཡང་མི་དགོས་པར་ཕབ་ལེན་དང་། ཤོག་ངོས་ཀྱི་ཆེ་ཆུང་སྒྲིག་པ། དཔེ་ཆ་དེའི་འཕྲུལ་ཡིག་ཡོད་ན་ འཕྲུལ་ཡིག་སྟོན་ ལ་རྟགས་བརྒྱབ་ན་དེའི་ཡིག་རྐྱང་ཡང་སྟོན་ཡོང་། འཕྲུལ་ཡིག་མེད་ན་རྟགས་དེ་འགོད་མི་ཐུབ། ཤོག་ངོས་དེའི་སྒང་ལ་ཆིག་རྡེབ་ཅིག་བྱོས་དང་ཤོག་ངོས་རེ་རེ་བཞིན་སྟོན་ཡོང་།

000006

7. དཔེ་ཆའི་ཤོག་གྲངས་འདེམ་སྟངས།

འདི་ནས་ཤོག་གྲངས་གི་གོ་རིམ་བཞིན་བལྟ་ཀློག་དང་གྲངས་འདེམ་གྱིས་བལྟ་ཀློག་བྱ་སྟངས་བཅས་རིགས་གཉིས་ཡོད། གོ་རིམ་འགུལ་རིས་ལ་གཟིགས།

000007

8. ཤོག་ངོས་ཆེ་ཆུང་སྒྲིག་སྟངས།

འདི་ནས་ཤོག་ངོས་དེའི་ཆེ་ཆུང་རང་ཉིད་ཀྱི་མིག་མདུན་དང་འཚམ་བར་སྒྲིག་ཆོག་ཅིང་། ཤོག་ངོས་ཀྱི་ཕྱོགས་བཞི་རུ་འཐེན་སྐུམ་ཡང་བྱ་ཆོག་པ་ཡིན།

000008

9. ཤོག་མདོག་བརྗེ་བ་དང་ཕབ་ལེན་བྱེད་སྟངས།

འདི་ནས་ཤོས་ངོས་གྱི་འགོ་གཞུག་ལྡོག་པ་དང་མིག་ལ་འཚམ་པའི་ཤོག་མདོག་བརྗེ་བ། དཔེ་ཆ་དེ་ཕབ་ལེན་ཡང་བྱེད་ཐུབ།

000009

教程目录 བཀོལ་སྤྱོད་ལམ་སྟོན་གྱི་དཀར་ཆག།